藏密修海's Archiver

法成 发表于 2012-6-17 10:03

《金刚持贡嘎桑波礼赞发愿文‧净修戒行》蒋扬却吉罗卓 撰

[size=6]༄༅། །རྡོ་རྗེ་འཆང་ཀུན་དགའ་བཟང་པོ་ལ་བསྟོད་སྨོན་ཚུལ་ཁྲིམས་དག་བྱེད་ཅེས་བྱ་བ་བཞུགས་སོ། [/size]
[b][font=黑体][size=6]金刚持贡嘎桑波礼赞发愿文‧净修戒行[/size][/font][/b]



[img]http://www.zmxh.com/pics/06________20120617095832.jpg[/img]
[b][font=黑体][size=5]哦千·贡嘎·桑波 (1382-1456)[/size][/font][/b]

[size=6]ཨོཾ་སྭ་སྟི། [/size]
[b][font=黑体][size=5]唵梭帝[/size][/font][/b]

[size=6]སྟོན་པ་མཉམས་མེད་ཤཱཀྱའི་རྒྱལ་པོ་ཡི། །བདེན་གསུང་ལུང་གིས་བསྔགས་པའི་མེ་ཏོག་འཐོར།
།སྙིགས་དུས་ཐུབ་དབང་གཉིས་པ་ཀུན་དགའ་བཟང་། །གང་གི་རྣམ་ཐར་དྲན་བཞིན་གུས་པས་བསྟོད། [/size]
[b][font=黑体][size=5]无等导师胜王释迦文 遍散真实谛语妙赞花
浊时第二能仁遍喜贤 忆念其德恭敬作礼赞[/size][/font][/b]
  
[size=6]།བྱང་ཕྱོགས་གངས་རིའི་ལྗོངས་འདིར་མདོ་དང་སྔགས། །མ་ནོར་ཇི་བཞིན་འཆང་ལ་འགྲན་ཟླ་བྲལ།
།སྡོམས་གསུམ་རྣམ་དག་སློབ་ཚོགས་གསེར་རིའི་ཕྲེང། །ནོར་འཛིན་ཁྱོན་ཀུན་ཡོངས་སུ་ཁྱབ་ལ་འདུད། [/size]
[b][font=黑体][size=5]北方雪域经教与密咒 如实无误执持无匹敌
三律清净学众金山鬘 广普遍满大地向彼礼[/size][/font][/b]
  
[size=6]།བསྐྱེད་དང་རྫོགས་པའི་རྣལ་འབྱོར་ཟབ་མོ་ཡིས། །རང་དོན་ཆོས་སྐུའི་རྒྱལ་ས་མངོན་དུ་བསྙེས།
།གཞན་དོན་ཕྲིན་ལས་ནམ་མཁའི་མཐོར་ཁྱབ་པ། །རྗེ་བཙུན་ཨེ་ཝཾ་པ་ལ་གུས་པས་བསྟོད། [/size]
[b][font=黑体][size=5]生起圆满甚深瑜伽之 自利法身境界现前依
他利事业上彻满虚空 恭敬礼赞至尊耶旺巴[/size][/font][/b]
  
[size=6]།མཁྱེན་པའི་ཡེ་ཤེས་འཇམ་དཔལ་དཔའ་བོ་དང་། །བརྩེ་བ་ལག་ན་པད་དཀར་འཆང་བ་དངོས།
།ནུས་པ་རྒྱུད་ཀུན་སྡུད་མཛད་རྡོ་རྗེ་འཛིན། །དབྱེར་མེད་དཔལ་ལྡན་བླ་མར་གུས་པས་བསྟོད། [/size]
[b][font=黑体][size=5]智慧通达勇士妙吉祥 手持白莲大悲观世音
大势大力总集执金刚 无别吉祥上师敬礼赞 [/size][/font][/b]
  
[size=6]།ཚུལ་ཁྲིམས་གཙང་ཞིང་ལྟ་སྤྱོད་རྣམ་པར་དག །གཟུངས་དང་ཏིང་འཛིན་ཡོན་ཏན་རྒྱ་མཚོ་བསྙེས།
།དབང་བཞིའི་ཆུ་བོ་གདུལ་བྱའི་ཞིང་པར་འབོབས། །སྨིནཅིང་གྲོལ་བར་མཛད་ལ་བསྟོད་པར་བགྱི། [/size]
[b][font=黑体][size=5]持戒清净见行无染浊 常住总持禅定功德海
四灌之水漱降教化田 成熟有情所行敬礼赞[/size][/font][/b]
  
[size=6]།དེ་ལྟར་རྨད་བྱུང་གུས་བདུད་དྲག་པོ་ཡིས། །བསྟོད་ཅིང་གསོལ་བ་འདེབས་པའི་བྱིན་རླབས་ཀྱིས།
།ནམ་མཁའི་མཐའ་གཏུགས་མཐའ་ཡས་འགྲོ་བ་རྣམས། །སྡུག་བསྔལ་ལས་གྲོལ་བྱང་ཆུབ་ཐོབ་པར་ཤོག [/size]
[b][font=黑体][size=5]如此稀有恳切恭敬之 殷勤礼赞祈请之加持
有情众生如空无边际 愿彼离苦得证佛菩提[/size][/font][/b]
  
[size=6]།ཁྱད་པར་བདག་པོར་ཁྱོད་ཀྱི་རྗེས་འཇུག་རྣམས། །སྒོ་གསུམ་བག་མེད་ཉེས་སྤྱོད་ལས་སྡོམ་ཞིང་།
།ངེས་འབྱུང་ཚུལ་ཁྲིམས་ཁང་བཟང་ཉམས་དགའ་བར། །ཞུང་ནས་བྱང་ཆུབ་སེམས་མཆོག་སྐྱེ་བར་ཤོག [/size]
[b][font=黑体][size=5]尤其上师仁之随学众 善能调服三门诸恶作
厌离世间欣然乐持戒 毕竟能生殊胜菩提心[/size][/font][/b]
  
[size=6]།རྡོ་རྗེ་ཐེགས་པའི་ཚུལ་ལ་རབ་གནས་ཏེ། །སྡོམ་དང་དག་ཚིག་རྣམ་པར་དག་པ་དང་།
།རིམ་གཉིས་ལམ་གྱི་བགྲོད་པ་མཐར་ཕྱིན་ཏེ། །རྡོ་རྗེ་འཛིན་རྒྱལ་མ་ནོར་འགྱུར་བར་ཤོག [/size]
[b][font=黑体][size=5]安住金刚教乘诸方便 守护律仪誓言无瑕秽
二种次第道途得彼岸 无疑能至金刚持果位[/size][/font][/b]
  
།[size=6]དེང་ནས་བཟུང་སྟེ་ཚེ་རབས་ཐབས་ཅད་དུ། །རྒྱལ་བ་གཉིས་པ་རིགས་ཀྱི་བདག་པོར་ཐོབ།
།གསུང་གསང་བདུད་རྩིའི་བཅུད་ཀྱིས་འཚོ་བ་དང་། །སྤངས་རྟོགས་མཐར་ཕྱིན་དོན་གཉིས་ལྷུན་གྲུབ་ཤོག [/size]
[b][font=黑体][size=5]从此既往累劫一切世 释种教主之流能得入
密教甘露法味能滋养 究竟断证二利任运成[/size][/font][/b]



[size=5]ཅེས་པའང་མི་ཕྱེད་དད་ཅིང་གུས་པའི་བློ་ལྡན་ཆོས་ཀྱི་བློ་གྲོས་པས་ཁྲུམས་སྟོད་ཟླ་བའི་ཚེ་༨་ལ་བྲིས་པ་འདིས་ཀྱང་རྗེ་བཙུན་བླ་མའི་བྱིན་རླབས་སྙིང་ལ་འཇུག་པའི་རྒྱུར་གྱུར་ཅིག [/size]
以不变之信心与恭敬,具慧者蒋扬却吉罗卓在藏历八月初八日撰着此愿文,惟愿至尊上师加持入心。
  
2012 年藏历四月廿五金刚持贡嘎桑波纪念日,弟子蒋扬桑波虔译于印度哦巴寺。

页: [1]

Powered by Discuz! Archiver 7.0.0  © 2001-2009 Comsenz Inc.