返回列表

以行禅故,与佛相应,入于三昧。


༄༅།། ན་མོ་གུ་ར་ཝེ་བཛྲ་དྷ་རཱ་ཡ།།
顶礼上师金刚持!
༄༅།། འཆག་པའི་བསམ་གཏན་གྱིས། སངས་རྒྱས་དང་མཐུན་པར་ཏིང་ངེ་འཛིན་ལ་འཇུག།
以行禅故,与佛相应,入于三昧。

འཆག་པའི་སྒོམ་པ་ཉིད་ལ་བརྟན་པ་གཅེས།། རྒྱུན་དུ་མི་འཆད་བགྲོད་པ་སྙིང་སྟོབས་མཆོག།
经行禅修贵有恒,常行不断最勇猛;
བཙན་གྱིས་བརྩོན་པས་བར་ཆད་འབྱུང་བ་སླ།། ལེ་ལོ་རྒྱུན་དུ་མེད་པར་འབྲས་བུ་མེད།།
勉强精进易中断,懈怠无恒不奏功。
བརྩོན་པས་བགྲོད་པས་རླུང་ཆུང་རང་བཞིན་ལྡང་།། བ་སྤུའི་ཁུང་ནས་ལུས་ཀྱིས་དབུགས་རྔུབ་བྱེད།།
勤行手足微风起,遍身毛孔体呼吸;
རྟག་ཏུ་གོམ་རེ་རེ་ལ་པདྨ་བཞད།། རླུང་འཁོར་རང་འཁོར་སྤྲིན་གྱི་འབྲུག་སྒྲ་སྒྲོག།
常行步步莲花开,风轮自转云雷音。

ཆུ་ཚོད་ལྔ་ནས་བརྒྱད་ཀྱི་བར་དུ་བགྲོད།། དྲོད་བདེ་ཤིན་ཏུ་སྦྱངས་པ་རང་བཞིན་སྐྱེ།།
行禅五到八小时,暖乐轻安自然生;
རིམ་གྱིས་བགྲོད་པས་ཏིང་ངེ་འཛིན་ཉིད་ཐོབ།། ཉིན་མཚན་རྟག་ཏུ་བརྩོན་པས་བྷན་དྷུ་བགྲོད་པར་བྱ།།
循序渐进得定力,昼夜精进般舟行。
ཚོད་ཟིན་འཕེལ་འགྲིབ་ཚད་ལས་བརྒལ་བ་མེད།། ཡུན་རིང་ཉམས་ལེན་རྒྱུན་ཆད་མེད་པར་བྱ།།
适度增减不过量,恒久修持无中断;
སངས་རྒྱས་དྲན་པས་རང་ལུས་ལྷ་རུ་འཆག། སངས་རྒྱས་དང་མཐུན་ཏིང་ངེ་འཛིན་ལ་འཇུག། ༔ །། །།
忆佛念佛观佛行,与佛相应入三昧。

返回列表